News

འཛམ་གླིང་གི་མི་རྣམས་ཏོག་དབྱིབས་ནད་ཡམས་ལས་གྲོལ་བའི་ཆེད་དུ་མ་ཎི་གསོག་སྒྲུབ་སོགས་བྱས་པའི་གྲངས་ཐོ།།

འཛམ་གླིང་གི་མི་རྣམས་ཏོག་དབྱིབས་ནད་ཡམས་ལས་གྲོལ་བའི་ཆེད་དུ་མ་ཎི་གསོག་སྒྲུབ་སོགས་བྱས་པའི་གྲངས་ཐོ།།

{{བཙན་པོའི་ཕྱག་རྗེས་}}ལི་ཁྲའི་གཟེངས་བསྟོད།

མི་རྗེ་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ལ་ཆེད་དུ་འབུལ། ད་ཐེངས་མདོ་ཁམས་ཡུལ་ཤུལ་བ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚང་འཛོམས་གྲོས་ཚོགས་ནས་ཐག་བཅད་བྱུང་བ་བཞིན་དུ། མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གསར་བཟོ་ཞུས་པའི་(བཙན་པོའི་ཕྱག་རྗེས་) ཞེས་པའི་རྒྱུ་མཚན་དང་གོ་དོན་ཅན་གྱི་ལི་ཁྲའི་གཟེངས་བསྟོད་འདི། མི་རྗེ་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ལ་ཆེད་དུ་འབུལ་རྒྱུ་སྤྱི་མོས་གཏན་འབེབས་བྱུང་། དེ་ཡང་གཉན་འཕྲང་ཅན་གྱི་དུས་རབས་འདིར་ཁྱེད་ནི་རང་རེ་ཡུལ་ཤུལ་བའི་མངའ་ཁོངས་ནས་བཙན་བྱོལ་བོད་མིའི་བཀའ་བློན་གྱི་མཛད་འགན་བཞེས་བཁན་ཆེས་ཐོག་མ་དེ་ཡིན་པ་དང་། ༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་དུ་ལས་དོན་ཧུར་བརྩོན་གནང་བ་སོགས་ལ་བརྟེན་ནས་ནོར་བུ་ནོར་ངོ་ཤེས་པའི་མཚོན་བྱེད་ཙམ་དུ་དམིགས་ནས་དོན་སྙིང་ཅན་གྱི་གཟེངས་བསྟོད་འདི་ཕུལ་བ་ཡིན། མ་འོངས་པར་བཀའ་བློན་མཆོག་གི་མཛད་འཕྲིན་རྣམས་གེགས་མེད་ལམ་འགྲོ་ཡོང་བ་དང་། བོད་འབངས་གཞིས་བྱེས་འཛོམས་པའི་སྨོན་འདུན་བཅས།

བཙན་པོའི་ཕྱག་རྗེས་ གསེར་གྱི་གཟིངས་བསྟོད།

མི་རྗེ་འབུམ་རམས་པ་སྲིད་སྐྱོང་བློ་བཟང་སེང་གེའི་མཆོག་ལ་ཆེད་དུ་འབུལ། ད་ཐེངས་མདོ་ཁམས་ཡུལ་ཤུལ་བ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚང་འཛོམས་གྲོས་ཚོགས་ནས་ཐག་བཅད་བྱུང་བ་བཞིན་དུ། མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གསར་བཟོ་ཞུས་པའི་ (བཙན་པོའི་ཕྱག་རྗེས་) ཞེས་པའི་རྒྱུ་མཚན་དང་གོ་དོན་ཅན་གྱི་གསེང་གྱི་གཟེངས་བསྟོད་འདི། མི་རྗེ་སྲིད་སྐྱོང་འབུམ་རམས་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཆེད་དུ་འབུལ་རྒྱུ་སྤྱི་མོས་གཏན་འབེབས་བྱུང་། དེ་ཡང་གཉན་འཕྲང་ཅན་གྱི་དུས་རབས་འདིར་བཙན་བྱོལ་བོད་མིའི་མང་མོས་འོས་འདེམས་བྱུང་བའི་སྲིད་སྐྱོང་ཐོག་མ་དང་། བོད་གཞིས་བྱེས་གཉིས་ནས་རེ་བ་དང་ཡིད་ཆེས་ཆིན་པོ་གནང་བ་ ༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་འགེལ་གཙང་མ་གནང་བ། རྒྱལ་སྤྱིའི་སྡིང་ཆའི་ཐོག་ཏུ་གདེངས་འཇོག་ཚད་མཐོ་ཐོབ་པ་སོགས་ལ་བརྟེན་ནས་ནོར་བུ་ནོར་ངོ་ཤེས་པའི་མཚོན་བྱེད་ཙམ་དུ་དམིགས་ནས་དོན་སྙིང་ཅན་གྱི་གསེར་གྱི་གཟེངས་བསྟོད་འདི་ཕུལ་བ་ཡིན། མ་འོངས་པར་སྲིད་སྐྱོང་མཆོག་གི་རླབས་ཆེན་གྱི་ཕྱུག་ལས་རྣམས་གེགས་མེད་ལམ་ལྷོང་ཡོང་ནས་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་རང་རེ་གངས་ཅན་ཞིང་དུ་གདན་དྲངས་ཏེ། བོད་འབངས་གཞིས་བྱེས་འཛོམས་པའི་སྨོན་འདུན་བཅས། །

ཚེ་རབས་རྗེས་འཛིན་གསར་གྱི་ཚེ་འབར།

ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་དཔུང་གཉེན། འཕགས་མཆོག་འཇིག་རྟེན་དབང་ཕྱུག་ འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། བོད་གངས་ཅན་པ་ཡོངས་ཀྱི་དཔྲེལ་བའི་མིག་དང་ཁོག་པའི་སྙིང་། སུམ་ལྡན་རྡོ་རྗེ་འཛིན་པ། བདག་ཅན་རྣམས་ཀྱི་རྕ་བའི་བླ་མ་བཀའ་དྲིན་ཅན། ༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་གང་ཉིད་སྤྱིར་བསྟན་པ་དང་འགྲོ་བའི་མགོན་དང་། ལྷག་པར་མགོན་མེད་དུ་གྱུར་པའི་བོད་གདོང་དམར་བའི་བྱ་རྣམས་ཀྱི་ཆེད་དུ་སྐུ་ཚེ་མི་ཤེག་རྡོ་རྗེའི་ཁམས་སུ་བརྟན་ཅིང་། རླབས་ཆེན་གྱི་མཛད་འཕྲིན་བཐའ་དག་གེགས་མེད་བདེ་བླག་ཏུ་འགྲུབ་པ་སོགས་ལ་དམིགས་ཏེ། (ཚེ་རགས་རྫེས་འཛིན་གསེར་གྱི་ཚེ་འབར) ཞེས་པ་དར་མཚོན་སྣ་སྔས་ཐོག་དྲངས་ཏེ་རབ་འབར་གསེར་གྱི་མཆོད་མེ་ཟུང་གཅིག་འདེགས་འབུལ་ཞུ་ནས་ངེད་ཅག་མདོ་ཁམས་ཡུལ་ཤུལ་བ་གཞིས་བྱེས་གཉིས་སུ་གནས་པ་རྣམས་པ་རྣམས་འཕགས་པ་སྤྱན་རས་གཟིགས་གྱི་ཐུགས་རྫེའི་གྲིབ་བསིལ་ལས་ནམ་ཡང་འདའ་བ་མེད་པར་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པར་གསོལ་བ་ཕུར་ཚུགས་སུ་འདེབས་པར་བཁྱེེན།།

དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

ཕྱི་ལོ་ ༢༠༢༩ ཟླ་བ་ ༡༠ ཚེས་ ༡ རེས་གཟའ་མིག་དམར། ༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༩ ཟླ་བ་ ༩ ཚེས་ ༢༩ ནས་ ཕྱི་ཟླ་ ༡༠ ཚེས་ ༡ བར་ཉིན་གྲངས་གསུམ་རིང་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བཞུགས་སྒར་ཀིརྟི་དགེ་རྕ་ཚོགས་པའི་ཚོགས་ཁང་ནང་མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་སོང་།

དཔལ་འབྱོར་འདུ་འགོད་རྒྱན་ཤོག་ཐེངས་གཉིས་པ།

དེ་བཞིན་རྒྱན་ཤོག་ཐེངས་གཉིས་པའི་སྐབས་སུ་དབུས་རྒྱུན་ལས་བཅུ་གཅིག་ནས་ལས་དོན་ཚགས་ཚུད་གྲུབ་ཆེད་ང་ཚོ་དབུས་རྒྱུན་བཅུ་གཅིག་པོ་རེ་རེ་ལ་རྒྱན་ཤོག་དེབ་གྲངས་ཉི་ཤུ་བདུན་རེ་བགོ་འགྲེམས་བྱས་པ་རེད། དབུས་རྒྱུན་སོ་སོ་ནས་ཐབས་ཤེས་གང་ཐུབ་ཀྱིས་མཐང་རྒྱན་ཤོག་ཕལ་ཆེ་བ་བཙོང་ཐུབ་པ་བྱུང་ཡོད། སླར་གོང་བཞིན་གནད་ཡུལ་རྡོ་རྗེ་གདན་དུ་ཚོགས་གཙོ་གཙོས་པའི་དབུས་རྒྱུན་འགའ་ཤས་དང་དམིགས་བསལ་གྱིས་ལྷག་བསམ་ཅན་གྱི་ཚོགས་མི་རྣམས་ཀྱིས་རོགས་པ་ལ་བརྟེན་ནས་རྒྱན་ཤོག་བཙོང་བ་དངརྒྱན་ཤོག་གསལ་བསྒྲགས་གནང་ཐུབ་པ་བྱུང་ཡོད། གོང་བཞིན་དབུས་རྒྱུན་དང་ཚོགས་མི་རྣམས་ནས་ལམ་གྲོན་སོགས་ཚོགས་པ་ནས་མ་ཞུས་པར་སྒེང་སོ་སོ་ནས་བཏང་བ་སོགས་ཧ་ཅང་གི་བཀའ་དྲིན་ཆེན་པོ་གནང་ཡོད། མཐའ་དོན་རྒྱན་ཤོག་སྐབས་ཚོགས་གཙོ་གཙོས་དབུས་རྒྱུན་རྣམས་དང་ལྷག་བསམ་ཅན་གྱི་ཚོགས་མི་རྣམས་ནས་བློས་གཏོང་གིས་ཚོགས་པ་ལ་དཔལ་འབྱོར་འདུ་འགོད་གང་ལེགས་གྲུབ་

རོགས་རམ་བྱེད་པ་ཁག་གིི་མཚན་ཐོ།

ཕྱི་ལོ་༢༠༢༦ དང་ ༢༠༡༧ ལོར་མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བོད་རིགས་ནད་པ་ཉམ་ཐག་རྣམས་ལ་རོགས་རམ་བྱེད་པ་ཁག་གི་མཚན་ཐོ་གཤམ་གསལ།

དཔལ་འབྱོར་འདུ་འགོད་རྒྱན་ཤོག་ཐེངས་དང་པ།

ཚོགས་པ་གང་འདྲ་ཞིག་ཡིན་ནའང་རུང་དཔལ་འབྱོར་ནི་མེད་ཐབས་ལྟ་བུ་ཞིག་ཡིན་སྟབས། ང་ཚོ་མདོ་ཁམས་ཡུལ་ཤུལ་ཚོགས་པའི་དབུས་རྒྱུན་སྐབས་དང་པོ་ཡིན་པར་བརྟེན་ལས་འགན་འཕར་མ་ཞིག་དང་ཚོགས་པའི་གཞི་རྩ་མ་དངུལ་ཞིག་ངེས་པར་བཞག་དགོས་ཡོད། དེར་བརྟེན་ང་ཚོ་དབུས་རྒྱུན་སྐབས་ཐེངས་གཉིས་གོ་སྒྲིག་ཞུས་པ་རེད། རྒྱན་ཤོག་ཐེངས་དང་པོའི་སྐབས་ཚོགས་གཙོ་གཙོས་པའི་དབུས་རྒྱུན་རྣམ་པ་དང་དེ་བཞིན་ལྷག་བསམ་ཅན་གྱི་ཚོགས་མི་རྣམས་དང་གཞན་གཞིས་བྱེས་གཉིས་སུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ནས་ང་ཚོ་ལ་རྒྱབ་སྐྱོང་ཚད་མེད་གནང་ཡོད། མཐར་གནས་ཡུལ་རྡོ་རྗེ་གདན་དུ་ཚོགས་གཙོ་གཙོས་པའི་དབུས་རྒྱུན་འགའ་ཤས་དང་ལྷག་བསམ་ཅན་གྱི་ཚོགས་མི་རྣམས་ནས་ཉིན་མཚན་ལྟོས་མེད་ཀྱིས་རྒྱན་ཤོག་བཙོང་བ་དང་རྒྱན་ཤོག་གསལ་བསྒྲགས་གནང་བ་མ་ཚད། ལམ་གྲོན་སོགས་ཚོགས་པ་ནས་མ་ཞས་པར་རང་རང་སྒེར་གྱི་བཏང་བ་སོགས་ཧ་ཅང་གི་བཀའ་དྲིན་ཆེན་པོ་གནང་ཡོད། མཐར་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་དང་པོ་ཚགས་ཚུད་དང་དཔལ་འབྱོར་འདུ་འགོད་ཡག་པོ་བྱུང་ཡོད།

ཚོགས་པ་དེབ་སྐྱེལ།།

མདོ་ཁམས་ཡུལ་ཤུལ་ཚོགས་པའི་གྲོས་ཆོད་གཞིར་བཟུང་། མདོ་ཁམས་ཡུལ་ཤུལ་ཚོགས་པ་རྒྱ་གར་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱ་ཆེད་ས་གནས་ལྡི་ལིར་གནས་བཞུགས་རང་རེའི་ཕ་ཡུལ་གཅིག་པ་ཁྲིམས་རྩོད་པ་འཆི་མེད་གཡུང་དྲུང་ལགས་དང་ངོ་ཐུག་གིས་དེབ་སྐྱེལ་རྒྱུ་ཐག་གཅོད་བྱུང་སྟེ། དྲུང་ཆེན་གའི་ངག་དབང་བློ་གྲོས་ལགས་ནས་དེབ་སྐྱེལ་གྱི་ཡིག་ཆ་མཁོ་གྲུབ་དང་ཁྲིམས་རྩོད་པ་དང་ཐུག་འཕྲད་སོགས་ཀྱི་འགན་ཁུར་གནང་། དེབ་སྐྱེལ་གྱི་གསྟི་གནས་ཁ་བྱང་དང་ཡིག་ཆ་སོགས་ཆ་ཚང་གྲྭའུ་དཔོན་ཚང་ནས་རོགས་རམ་གནང་ཡོད། སྤྱིང་དེབ་སྐྱེལ་ལ་རྗོང་གི་དེབ་སྐྱེལ། མངའ་སྡེའི་དེབ་སྐྱེལ་དང་རྒྱལ་ཁབ་སྤྱི་ལ་ཁྱབ་པའི་དེབ་སྐྱེལ་སོགས་ཁྱབ་ཚད་མང་པོ་ཡོད་པའི་ནང་ནས་མ་འོངས་ལས་དོན་རྒྱ་བསྐྱེད་སོགས་ལ་དགོངས་ཏེ་རྒྱལ་ཁབ་སྤྱི་ལ་ཁྱབ་པའི་དེབ་སྐྱེལ་གནང་ཐུབ་པ་བྱུང་ཡོད། ཚོགས་པའི་དམིགས་ཡུལ་ཐོག་མ་དེ་དེབ་སྐྱེལ་བྱ་རྒྱུ་ཡིན་པ་གཞིར་བཟུང་དབུས་རྒྱུན་རྣམ་པ་དང་ཁྲིམས་རྩོད་པ་འཆི་མེད་གཡུང་དྲུང་ལགས་ནས་མུ་མཐུད་དེ་སྐུ་ངལ་བསྐྱོན་པར་བརྟེན་ད་ཐེངས་དེབ་སྐྱེལ་ལེགས་གྲུབ་བྱུང་ཡོད།