མདོ་ཁམས་ཡུལ་ཤུལ་ཚོགས་པའི་དམིགས་ཡུལ།

མདོ་ཁམས་ཡུལ་ཤུལ་ཚོགས་པས་འཛམ་གླིང་གང་ས་གནས་པའི་བོད་རིགས་ཁ་ཚ་གོས་གཏུགས་ཀྱི་དངོས་ཡོད་ཉམ་ཐག་རྣམས་ལ་རོགས་ཕན་བྱ་རྒྱུ་ནི་ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་དང་ལྷག་པར་ནད་ཀྱིས་མནར་བའི་སྨན་བྲིན་ཐད་དཀའ་ངལ་ཡོད་པའི་བོད་རིགས་རྣམས་ལ་སྨན་བྲིན་ཞལ་འདེབས་རུབ་ནས་ཕན་པར་བྱ་རྒྱུ་དེ་རེད། དམིགས་ཡུལ་དེ་རྩ་འཛིན་བྱས་ཏེ་ཚོགས་དཙོ་བློ་བཟང་ཆོས་རྗེ་མཆོག་གིས་གཙོ་རྩལ་བཏོན་ཏེ་ཕྱི་ལོ་ ༢༠༡༦ ནས་བཟུང་གཅོང་ནད་འདྲ་མིན་གྱིས་ཡུན་རིང་གདུང་བའི་སྙིང་རྗེ་ཡུལ་དུ་གྱུར་པའི་ནད་པ་རྣམས་ལ་རོགས་པར་བགྱིས་པ་དང་བགྱིད་བཞིན་པ་མ་འོངས་པར་མུ་འཐུད་ནས་བགྱི་བ་བྱའོ།

ཚོགས་གཙོ་བློ་བཟང་ཆོས་རྗེ་མཆོག་གི་སྐུ་པར།

མདོ་ཁམས་ཡུལ་ཤུལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བློ་བཟང་ཆོས་རྗེ་དབུ་ཁྲིད་པའི་འཁོས་ཞན་ནད་པ་རྣམས་ལ་ཞལ་འདེབས་ཀྱི་ལམ་ནས་སྨན་བྲིན་རོགས་རམ་བགྱིས་པ་དང་བགྱིད་བཞིན་པ་མ་འོངས་པར་མུ་འཐུད་ནས་བགྱི་བ་བྱའོ།

ནད་པ་ཉམ་ཐག་ལ་རོགས་རམ་བྱས་པའི་དཔར་རིས།

ཚེ་འདས་དེ་བའི་ནང་མི་ལ་མཆོད་འབུལ།

བོད་གོ་འཇོ་རྗོང་གི་ནད་པ་པདྨ་ལགས།

ནད་པ་ཁག་བདུན་ལ།

སྤྱིར་བཏང་དྲི་བ།

བསོད་དེ་སྦར་སྙོབས་སམ་རྒྱན་ཤོག་བཙོངས་ནས་བྱུང་བའི་ཡོང་བབ་དང་གཏོང་ཕོད་ཙམ་གྱི་སྦྱིན་བདག་རྣམས་ཀྱིས་གནང་བའི་དངུལ་བཅས་ཡིན།

འཛམ་གླིང་གང་ས་གནས་པའི་དངོས་ཡོད་ཉམ་ཐག་དང་ཁོས་ཞམ་དུ་གྱུར་བའི་སྐྱོ་བོ་སུ་ཡིས་དཔང་རྟགས་ཚད་ལྡན་ཡོད་པའི་རེ་ཞུ་ལ་མདོ་ཁམས་ཡུལ་ཤུལ་དབུ་རྒྱན་གང་རུང་ཞིག་གི་རྒྱབ་གཉེར་བྱུང་ན་རོགས་ཕན་གང་ཐུབ་བྱ་རྒྱུ།

ང་ཚོ་མདོ་ཁམས་ཡུལ་ཤུལ་ཚོགས་པ་འདི་ནི་ཚོངས་པའམ་མ་དངུལ་ཕོན་ཆེན་པོ་དེ་འདྲ་མེད་ཙང་ཉམ་ཐག་རོགས་རམ་བྱེད་པའི་སྐབས་སུ་ཟླ་བ་གཅིག་གི་རིང་ཡུལ་ཤུལ་ཚོགས་པའི་ལས་ཤོག་སྟེང་ཉམ་ཐག་གི་ངོས་སྦྱོང་བཀོད་དེ་འཛམ་གླིང་གང་ས་གནས་པའི་ཡུལ་ཤུལ་ཁྱབ་ཁོངས་སུ་ཚུད་པའི་མི་མང་གཙོས་པའི་རིས་མེད་འཛམ་གླིང་མི་མང་ཡོངས་ལ་ཞབས་འདེབས་རེ་སྐུལ་ཞུས་པ་ལས་བྱུང་བའི་དངུལ་འབོར་ཅི་བྱུང་བ་དེ་རོགས་དངུལ་སྤྲོད་རྒྱུ་རེད།

མདོ་ཁམ་ཡུལ་ཤུལ་དབུ་སྤྱི་ཁྱབ་རྒྱུན་ལས་ཁང་གི་དྲ་ཚིགས་སམ་གློག་འཁྲིན་ཁ་བྱང་བརྒྱུད་ནས་འབྲེལ་བ་གནང་ན་འགྲིགས།

ལས་གཞི།

༄༅།། ༧སྤྱི་ནོར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ལྟར་མདོ་ཁམས་ཡུལ་ཤུལ་ཚོགས་པས་ཁྲིམས་མཐུན་གྱི་དཔལ་འབྱོར་འདུ་འགོད་བྱས་ཏེ་རེས་མེད་ཉམ་ཐག་རྣམས་ལ་རོགས་ཕན་བྱ་རྒྱུ་དང་བོད་ཀྱི་ཆོས་དང་རིག་གཞུངས་མི་ཉམས་རྒྱུ་འཛིན་དང་དར་སྤེལ་ཆེད་དུ་ལས་འགུལ་དང་། ལྷག་པར་དུ་མདོ་ཁམས་ཡུལ་ཤུལ་ཁྱབ་ཁོངས་ཀྱི་རིག་གཞུང་དང་ལུགས་སྲོལ་རྣམས་ངོ་སྤྲོད་གང་ཐུབ་བྱ་རྒྱུའོ།།

ནད་པ་ཉམ་ཐག་ལ་རོགས་རམ་བྱས་པའི་དཔར་རིས།

ལས་གནས།

ཚོགས་གཙོ་བློ་བཟང་ཆོས་རྗེ།
ཚོགས་གཞོན་ཐུབ་བསྟན་འཕེལ་རྒྱས།
དྲུང་ཆེ་འཇིག་མེད་རབ་བརྟན།
དྲུང་ཆེ་ངག་དབང་བློ་གྲོས།
རིག་གཞུང་འགན་འཛིན་བློ་གྲོས་ཉི་མ།
རིག་གཞུང་འགན་འཛིན་བློ་བཟང་བསྟན་རྒྱས།
དཔལ་འབྱོར་འགན་འཛིན་འཇམ་དབྱངས་ལེགས་ཚོགས།
དྲིལ་བསྒྲགས་འགན་འཛན་བསམ་འགྲུབ་ཕུན་ཚོགས།
རྩིས་པ་བློ་བཟང་བདེ་དབྱངས།
དངུལ་གཉེར་བསྟན་འཛིན་ཡོན་ཏན།
གཉེར་པ་སྐལ་བཟང་མཚོ་མོ།

Contact Us

EMAIL

dhokhamyushul@gmail.com

PHONE NUMBER

+91 9958273461

LOCATION

H.No. 27-N, Zamrudpur, New Delhi - 110048, India

Message Us